སྐུ་ཉིད་གནའ་དེང་བོད་ཀྱི་མཛེས་བཟོའི་གྱོན་ཆས་བཟོ་ཚོང་ཁང་གི་དྲ་བར་ཞུགས་པར་རྟེན་འབྲེལ་ཞུ།

ངེད་བཟོ་ཚོང་ཁང་གིས་བོད་མདོ་དབུས་ཁམས་གསུམ་གྱི་སྲོལ་རྒྱུན་གྱི་གྱོན་ཆས་སྣ་ཚོགས་དང་། དེང་དུས་དང་མཐུན་པའི་གྱོན་ཆས་གྱོན་ན་ལུས་ལ་བདེ་ཞིང་བལྟས་ན་མིག་ལ་མཛེས་པ་སྣ་ཚོགས་བཟོ་བཞིན་ཡོད་པས། ཁྱེད་རང་རྒྱ་བལ་འབྲུག་གསུམ་དང་ཨ་རི། ཁེ་ན་ཌ། དབྱིན་ཡུལ། ཡུ་རོབ་སོགས་འཛམ་གླིང་འདིའི་ཤར་ལྷོ་ནུབ་བྱང་གང་དུ་ཡོད་ཀྱང་། ངེད་དྲ་བར་འཁོད་པའི་གྱོན་གོས་ཀྱི་བཟོ་ལྟར་གཟིགས་ཏེ་སྐུ་ཉིད་ཀྱིས་ཐུགས་འདོད་ལྟར་དྲ་ཐོག་ནས་མངགས་ཉོ་གནང་ཆོག